为推进我县一二三产业融合发展,进一步激活家庭牧场农畜产品市场活力,搭建稳定高效的产销对接平台,助力家庭牧场进一步拓展牦牛肉、奶制品、毛皮制品、藏药材以及其他具有本地特色的农畜土特产品销售渠道,持续促进农牧民增收。提升索县农畜产品的形象和知名度,更好地满足各族群众消费需求,推进牧区增活力、畜牧业增效益、农牧民增收入,为高质量建设“极地那曲、多彩索县”添砖加瓦,特举办索县首届家庭牧场农畜产品展销会暨“畅享美食 激活产业 富民增收”活动。2025年8月16日至8月18日,展销活动拟定于索县县城金鱼岛举办。展销产品如下:畜产品类:牦牛肉、牛奶、酥油、酸奶、拉拉、推;藏药材类:虫草、贝母、雪莲花;毛制品类:毛毯、黑帐篷、古朵;土特产品类:人参果、燃粑、糌粑、芫根、野葱等。现诚挚邀请县区及各乡镇的广大消费者前来参观、选购。我们将提供优质的服务和最优良的参展环境,欢迎您的光临。
联系人:布琼次仁 17389069995
索县农业农村和科技水利局
2025年8月14日
སོག་རྫོང་ཁྱིམ་ཚང་འབྲོག་རའི་ཞིང་འབྲོག་ཐོན་རྫས་འགྲེམ་འཚོང་སྐབས་དང་པོ་དང་“ཟས་
རང་རྫོང་གི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། ཁྱིམ་ཚང་འབྲོག་རའི་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་པ། བརྟན་ཐོག་ནུས་ཆེའི་ཐོན་རྫས་ཕྱིར་འཚོང་གི་སྦྲེལ་མཐུད་ལས་སྟེགས་བསྐྲུན་པ་བཅས་བྱས་ནས། ཁྱིམ་ཚང་འབྲོག་རའི་ནོར་ཤ་དང་། དཀར་ཆུའི་ཐོན་རྫས། པགས་པའི་ཐོན་རྫས། བོད་སྨན་སྨན་རྒྱུ་བཅས་དང་དེ་བཞིན་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་གི་ཡུལ་ཟོག་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་ཞིང་འབྲོག་པ་རྒྱུན་མཐུད་ངང་འབབ་འཕར་ཡོང་བ་བྱེད་པ་དང་། སོག་རྫོང་གི་ཞིང་འབྲོག་ཐོན་རྫས་ཀྱི་སྙན་གྲགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་། འབྲོག་ཁུལ་གྱི་གསོན་ཤུགས་འཕེལ་བ་དང་། འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“ཡང་རྩེའི་ནག་ཆུ། སྣ་འཛོམས་ཀྱི་སོག་རྫོང”བསྐྲུན་ཆེད་སོག་རྫོང་ཁྱིམ་ཚང་འབྲོག་རའི་ཞིང་འབྲོག་ཐོན་རྫས་འགྲེམ་འཚོང་དང“ཟས་མཆོག་ལ་རོལ་ཞིང་། ཐོན་ལས་འཕེལ་སྐུལ་ལ་བརྟེན་ནས་དམངས་ཕྱུག་འབབ་འཕར་ཡོང་བ་བྱེད་པའི”བྱེད་སྒོ་སྤེལ་རྒྱུ་ཡིན། བྱེད་སྒོ་དེ་2025ལོའི་ཟླ་8ཚེས་16ཉིན་ནས་ཟླ་8ཚེས་18ཉིན་སོག་རྫོང་གསེར་ཉ་གླིང་ཕྲན་དུ་སྤེལ་རྒྱུ་ཡིན། འགྲེམས་ཚོང་བྱེད་རྒྱུའི་ཐོན་རྫས་གཤམ་གསལ་ཏེ།
འབྲོག་ལས་ཐོན་རྫས། ནོར་ཤ་དང་། འོ་མ། མར། ཞོ། ལ་ལ། ཐུད།
བོད་སྨན་སྨན་རྒྱུ། དབྱར་རྩྭ་དགུན་འབུ་དང་། རྫ་ཡུང་། གངས་ལྷ་མེ་ཏོག
པགས་པའི་ཐོན་རྫས། བལ་གདན། སྦྲ་གུར། འུར་རྡོ།
ཁྱད་ལྡན་ཐོན་རྫས། གྲོ་མ་དང་། རམ་པ། རྩམ་པ། ཉུང་མ། རི་ཙོང་།
རྫོང་(ཆུས)དང་ཤང་གྲོང་རྡལ་ཁག་གི་རྒྱ་ཆེའི་འཛད་སྤྱོད་པས་ལྟ་སྐོར་དང་ཉོ་སྒྲུབ་གནང་བར་ཕེབས་རྒྱུར་ལྷག་བསམ་དཀར་པོས་བསུ་བ་ཞུ་རྒྱུ་ཡིན། ང་ཚོས་སྤུས་ལེགས་ཞབས་ཞུ་དང་འགྲེམས་འཚོང་ཁོར་ཡུག་བཟང་པོ་མཁོ་འདོན་བྱས་ནས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
འབྲེལ་གཏུག་བྱེད་ས། བུ་ཆུང་ཚེ་རིང། 17389069995
སོག་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་ནས།
༢༠༢༥ལོའི་ཟླ་༨ཚེས་༡༤ཉིན།